Net Alert

ཉེན་བརྡ། སྐོར།

གློག་འཕྲིན་གཏོར་བཅོམ་ཟེར་ན་གང་རེད།

དྲྭ་རྒྱ་གཏོར་བཅོམ་ཟེར་ན་ག་རེ་རེད་དམ།

གློག་འཕྲིན་གཏོར་བཅོམ་ནི་དངོས་ཡོད་གནས་ཚུལ་ལ་དྲྭ་ཚིགས་རྫུན་མ་ཡིན་པ་ལ་ཁྲིམས་མཐུན་གྱི་དྲྭ་ཚིགས་དང་གཅིག་པ་འདྲ་པོ་ཞིག་བཟོས་ནས་མགོ་བསྐོར་འོག་རང་གི་གསང་ཨང་ནང་བཅུག་བྱེད་དུ་བཅུག་ནས་སྒེར་གྱི་གནས་ཚུལ་རྐུ་བའི་ཐབས་ལམ་ཞིག་རེད།

གློག་འཕྲིན་གཏོར་བཅོམ་རྒྱུད་དེ་ཉེན་ཅན་པ་ཚོས་དངུལ་ཁང་གི་གནས་ཚུལ་དང་དེ་མིན་པའི་དཔལ་འབྱོར་དང་འབྲེལ་བའི་ནག་ཉེས་གཞན་ལའང་བེད་སྤྱོད་བྱེད་ཀྱི་ཡོད། དེས་མ་ཟད་གཞན་ལའང་གསང་མྱུལ་ཡང་བྱེད་ཐུབ་ཀྱི་ཡོད།

སི་ཀྲི་ཛིན་བརྟག་དཔྱད་ཁང་གིས་གནས་ཚུལ་མང་པོར་ཞིབ་འཇུག་བྱས་པ་ཁག་ལ་གཞིགས་ན། གློག་འཕྲིན་་གཏོར་བཅོམ་བེད་སྤྱོད་བྱས་ཏེ་གསར་འགོད་པ་དང་། འཐབ་རྩོད་པ། འགྲོ་བ་མིིའི་བདེ་སྐྱིད་སེམས་ཁུར་བ་སོགས་ཀྱི་ཚོགས་པའི་ཁ་གཏད་སུ་ལངས་ནས་ཁོང་ཚོའི་བྱེད་སྒོ་ཁག་ལ་སོ་ལྟ་བྱས་ཀྱི་ཡོད་པའི་ཞིབ་འཇུག་མང་པོ་བྱས་ཡོད། ང་ཚོ་དང་འདྲ་བའི་གསར་འགོད་པ་དང་། འཐབ་རྩོད་པ། འགྲོ་བ་མིའི་བེད་སྐྱིེད་སེམས་ཁུར་བ་རྣམས་ཀྱི་ཚེ་སྲོག་ཀྱང་དྲྭ་ཐོག་སྒང་ལ་གསོག་ཉར་བྱས་ཡོད་པ་རེད། ཁོང་ཚོས་རང་རང་གི་དྲྭ་ཐོག་གི་སྒང་ལ་གླེང་མོལ་དང་། འདུ་འཛོམས་བྱས་པའི་ཐོག་ལ་ཆབ་སྲིད་ཀྱི་ལས་འགུལ་རྣམས་གོ་སྒྲིག་ཞུ་གི་ཡོད། གློག་འཕྲིན་གཏོར་བཅོམ་གྱི་ལས་ཀ་འགྲོ་སོང་ཆེན་པོ་མེད་པའི་ཐོག་སོ་ལྟ་བྱས་ནས་དྲྭ་ཐོག་སྒང་ནས་གསང་བའི་གནས་ཚུལ་ལེན་གྱི་ཡོད།

བོད་ཀྱི་གསར་འགོད་པ་དང་འཐབ་རྩོད་པ་རྣམས་ནི་གློག་འཕྲིན་གཏོར་བཅོམ་པའི་དམིགས་སའི་འབེན་ཡིན།

ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་བོད་པའི་ཚོགས་སྡེ་ཁག་རྣམས་དུས་ཡུན་རིང་པོའི་བར་དུ་གློག་ཆས་སོ་ལྟ་བྱེད་མཁན་གྱི་དམིགས་སའི་འབེན་གྱི་གཙོ་བོ་ཞིག་ཆགས་ཡོད། ཉེ་ཆར་ཚོགས་སྡེ་ཁག་ལ་ Gmail གྱི་གསང་ཨང་རྐུ་རྒྱུའི་ཆེད་དུ་བཟོ་བཀོད་བྱས་པའི་གློག་འཕྲིན་འབྱོར་གྱི་ཡོད་པ་རེད།

འདིའི་ལས་ཀ་བྱེད་ལུགས་ནི།:

བོད་པའི་འཐབ་རྩོད་པ་ལ་གློག་འཕྲིན་འབྱོར་ཡོད། གློག་འཕྲིན་འདི་ནི་བོད་པའི་ཚོགས་པའི་ཚོགས་མི་གཅིག་གིས་བཏང་བ་འདྲ་པོ་ཡོད་ལ་འདིའི་ནང་། འདི་ནི་བོད་པའི་དྲྭ་རྒྱའི་སྒང་ལ་འགྲེམས་སྤེལ་གཏོང་ཆེད་དུ་བགོ་འགྲེམས་བྱས་རྒྱུའི་མཚོན་རྟགས་གྱི་བརྙན་པར་ཡིན་ཞེས་བྲིས་ཡོད།

གློག་འཕྲིན་འདིའི་ནང་ལ་ཟུར་སྣོན་ཞིག་ཡོད། ཡིག་ཆ་འདི་ནི་དྲྭ་རྒྱ་གཅིག་ལ་མཐུད་པ་སྟོན་ཅིང་འདི་ནི་Google Drive གྱི་ཁ་བྱང་ནང་བཞིན་བཟོས་ཡོད།

དྲྭ་ཚིགས་འདིའི་སྒང་ལ་སྣོན་པས་སྤྱོད་པ་པོ་གྷུ་གྷལ་ནང་འཛུལ་དྲྭ་ཤོག་འདྲ་པོ་ཞིག་ཤར་གྱི་ཡོད་ཀྱང་དོན་དངོས་ཐོག་ལ་གློག་འཕྲིན་གཏོར་བཅོམ་གྱི་དྲྭ་ཤོག་ཅིག་རེད།

སྤྱོད་པ་པོ་སུ་འདྲ་ཞིག་གི་མིང་དང་གསང་ཨང་ནང་འཛུལ་བྱས་ཀྱང་དྲྭ་རྒྱ་གཏོར་བཅོམ་གྱི་དྲྭ་ཤོག་སྟངས་འཛིན་བྱེད་མཁན་ལ་བཏང་གི་ཡོད། ཁོང་ཚོས་རང་གི་ཁ་བྱང་འདི་སྒོ་ཕྱེས་ཏེ་གནས་ཚུལ་རྐུ་མ་རྒྱབ་ཀྱི་ཡོད།

དམིགས་སའི་མི་དེས་ནང་འཛུལ་གྱི་མཐེབ་གཞོངས་རྫུན་མ་དེ་སྣོན་པའི་རྗེས་སུ་སྟངས་འཛིན་པས་སྤྱང་གྲུང་ལྡན་པའི་ཐོག་ནས་གཡོ་བྱུས་བཤམས་ཏེ་སྤྱོད་མཁན་གྱི་ཡིག་ཆ་དེ་ཁ་ཕྱོགས་འགྱུར་ཏེ་གྷུ་གྷལ་དྲྭ་རྒྱ་དངོས་གནས་དེའི་སྒང་ལ་བཏང་གི་ཡོད། ཡིག་ཆ་འདི་གོང་གི་གློག་འཕྲིན་ནང་དུ་འགྲེལ་བཤད་རྒྱབ་པའི་མཚོན་རྟགས་གྱི་པར་ཞིག་ཡིན། ཡིག་ཆ་དེ་དམིགས་སའི་མི་དེར་བཏང་ནས་གནས་ཚུལ་ངན་པ་གཅིག་ཀྱང་མེད་པ་ལྟ་བུའི་རྣམ་པ་སྟོན་གྱི་ཡོད།

དེས་ན་ཁྱེད་རང་ལ་འབྱོར་བའི་གློག་འཕྲིན་དང་སྦྲེལ་མཐུད་ཁག་ལ་ཡིད་ཟབ་གནང་དགོས་ལ་འདིའི་ཐོག་ནས་ཁྱེད་རང་གིས་གློག་འཕྲིན་གཏོར་བཅོམ་ལས་སྲུང་སྐྱོབ་བྱེད་ཐུབ། ལྷག་པར་དུ་སྦྲེལ་མཐུད་འདི་ལྟ་བུ་ཞིག་ལ་appear to be login pagesཡིད་ཟབ་གནང་དགོས་ཀྱི་རེད། དེ་མ་ཟད་ཁྱེད་རང་གིས་དྲྭ་ཐོག་སྒང་གི་ཁ་བྱང་ལ་གོམས་སྟབས་ ༢ ཀྱི་ཁུངས་སྐྱེལ་སྒོ་ཕྱེས་ཏེ་ཉེན་ཁ་ལས་གྲོལ་ཐུབ།

གོམ་སྟབས་ ༢ ཀྱི་ཁུངས་སྐྱེལ་ད་ལྟ་སྒྲིག་བཀོད་བྱེད།

མང་དུ་ཀློག: Shifting Tactics: Tracking changes in years-long espionage campaign against Tibetans

ཨི་ཇིབ་ནང་གི་མི་མང་ཚོགས་པ་ཁག་ལ་དམིགས་ནས་གློག་འཕྲིན་གཏོར་བཅོམ་པས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཡོད།

ཕྱི་ལོ་ ༢༠༡༦ ལོར་ཨེ་ཇིབ་ནང་གི་འཐབ་རྩོད་པ་དང་། ཁྲིམས་རྩོད་པ། དེ་བཞིན་གསར་འགོད་པ་སོགས་ལ་དམིགས་ཏེ་གློག་འཕྲིན་གཏོར་བཅོམ་གྱི་གློག་འཕྲིན་༩༠ལྷག་ཙམ་བཏང་ནས་ལས་འགུལ་སྤེལ་ཡོད། ལས་འགུལ་འདི་རྒྱུད་དེ་ར་སྤྲོད་ཐུབ་པའི་འབེན་རྣམས་གནད་དོན་༡༧༣ ནང་འཁོད་ཡོད། དེ་ནི་ཨི་ཇིབ་གཞུང་གིས་སྣེ་ཁྲིད་དེ་གཞུང་འབྲེལ་མ་ཡིན་པའི་ཨི་ཇེབ་ཀྱི་མི་མང་ཚོགས་པར་ཁྲིམས་གཏུགས་བྱས་ཡོད། འདི་ནི་ཨི་ཇེབ་ཀྱི་མི་མང་ཚོགས་པའི་སྒང་ལ་༼བྱུང་མྱོང་མེད་པའི་བཙན་གནོན་༽ཞིག་ལ་ངོས་འཛིན་བྱས་ཡོད།

གློག་འཕྲིན་གཏོར་བཅོམ་གྱི་གློག་འཕྲིན་རྣམས་ Dropbox དང་གྷུ་གྷལ་ཞབས་ཞུ་ཁག་རྒྱུད་དེ་སླེབས་པ་འདྲ་པོ་ཡོད་པ་དང་། དམིགས་སའི་མི་དེ་དང་འབྲེལ་བ་ཡོད་པའི་དངོས་ཡོད་གནས་ཚུལ་བརྗོད་ཁུལ་གྱིས་ཡིད་ཆེས་རྙེད་དུ་འཇུག་གི་ཡོད། ཕྱིས་སུ་སྦྲེལ་མཐུད་འདིར་སྣོན་དུ་བཅུག་ནས་གནས་ཚུལ་འཕར་མ་ལེན་ཐབས་བྱེད་ཀྱི་ཡོད།

དཔེ་འདི་ལ་ཡོད།

ཕྱི་ལོ་༢༠༡༦ ཟླ་བཅུ་གཉིས་པའི་ནང་ཨེ་ཇིབ་ཀྱི་བུད་མེད་ཀྱི་ཁྲིམས་མཐུན་རོགས་སྐྱོར་ཚོགས་པའི་འགོ་འཛིན་ཡིན་པ། སྙན་གྲགས་ཅན་གྱི་ཁྲིམས་རྩོད་པ་ལྕམ་ཨ་ཛཱ་ སོ་ལོ་མོན་གློ་བུར་དུ་རང་གི་ཁྱིམ་ཚང་ནས་འཛིན་བཟུང་བྱས་པ་རེད། འཛིན་བཟུང་བྱས་ནས་ཉེན་རྟོགས་པས་དྲི་རྩད་བྱས་པའི་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་ཁོང་གི་ལས་རོགས་འགའ་ཤས་ལ་ Dropbox ནས་བརྡ་ཐོ་སླེབས་པ་ནང་བཞིན་གྱི་གློག་འཕྲིན་རྫུན་མ་འབྱོར་ཡོད། གློག་འཕྲིན་འདིའི་ནང་སོ་ལོ་མོན་འཛིན་བཟུང་བྱས་ཆོག་པའི་བཀའ་ཤོག་འཁོད་ཡོད།

ཐེངས་དང་པོ་བལྟ་དུས་གློག་འཕྲིན་དེ་ Dropbox ནས་སླེབས་པ་འདྲ་པོ་ཡོད་ཀྱང་། གློག་འཕྲིན་གཏོང་མཁན་གྱི་ཁ་བྱང་ལ་ཞིབ་ཏུ་བལྟས་ཚེ་འདི་ནི་ Gmail ཁ་བྱང་ཞིག་ནས་བཏང་བ་གསལ་པོར་ཤེས་ཐུབ། སྔར་ Dropbox ཡིན་ཁུལ་བརྗོད་པའི་ཁ་བྱང་དེ་ལ་ཡང་སྐྱར་ཞིབ་ཚགས་པོ་བལྟ་དུས་དྲྭ་ཚིགས་ཁ་བྱང་དེ་Dropbox ནས་མ་ཡིན་ཤེས་ཐུབ།

སྦྲེལ་མཐུད་དེ་ལ་སྣོན་པ་དང་ Dropbox གྱི་འགེངས་ཤོག་ཞིག་ཐོན་གྱི་རེད། འདིའི་ནང་དམིགས་སའི་མི་དེའི་སྤྱོད་མིང་ནང་བཅུག་ཟིན་པ་དང་། དེའི་རྗེས་སུ་གསང་ཨང་ནང་བཅུག་བྱས་པ་དང་མཉམ་དུ་མི་དེའི་ Dropbox ཁ་བྱང་རྐུས་ཟིན།

དེས་ན་ཁྱེད་རང་ལ་འབྱོར་བའི་གློག་འཕྲིན་དང་སྦྲེལ་མཐུད་ཁག་ལ་ཡིད་ཟབ་གནང་དགོས་ལ་འདིའི་ཐོག་ནས་ཁྱེད་རང་གློག་འཕྲིན་གཏོར་བཅོམ་ལས་སྲུང་སྐྱོབ་བྱེད་ཐུབ། ལྷག་པར་དུ་སྦྲེལ་མཐུད་འདི་ལྟ་བུ་ཞིག་ལ་appear to be login pages་ཡིད་ཟབ་གནང་དགོས་ཀྱི་རེད། དེ་མ་ཟད་ཁྱེད་རང་གིས་དྲྭ་ཐོག་སྒང་གི་ཁ་བྱང་ལ་གོམས་སྟབས་ ༢ ཀྱི་ཁུངས་སྐྱེལ་སྒོ་ཕྱེས་ཏེ་ཉེན་ཁ་ལས་གྲོལ་ཐུབ།

གོམ་སྟབས་ ༢ ཀྱི་ཁུངས་སྐྱེལ་ད་ལྟ་སྒྲིག་བཀོད་བྱེད།

མང་དུ་ཀློག

Nile Phish: Large-Scale Phishing Campaign Targeting Egyptian Civil Society

ནང་ལའང་ཡོད།

ཁྱེད་རང་གི་གྲོགས་པོར་ཉེན་བརྡ་གཏོང་།